大数跨境

༄༅།། བྱིས་པའི་དཔེ་ཀློག་གི་གལ་ཆེའི་དུས་རིམ་གསུམ།

༄༅།། བྱིས་པའི་དཔེ་ཀློག་གི་གལ་ཆེའི་དུས་རིམ་གསུམ། 纳尔若文化
2017-04-23
4
导读: རྩོམ་པ་པོ། ཁེ་ལེས་བརྩམས། མིག་ཆོས་ཀྱིས་བསྒྱུར། དུས་ར



  རྩོམ་པ་པོ། ཁེ་ལེས་བརྩམས། མིག་ཆོས་ཀྱིས་བསྒྱུར།  

དུས་རྟག་ཏུ་དཔེ་ཀློག་གི་གལ་ཆེའི་རང་བཞིན་ནན་བཤད་བྱ་དོན་ནི་ཕྲུ་གུའི་ལོ་0—12བར་གྱི་དུས་རིམ་ནི་ཁོ་ཚོའི་ཀླད་པ་འཚར་སྐྱེས་ཀྱི་འགག་རྩའི་དུས་རིམ་ཡིན་པས་གལ་སྲིད་ང་ཚོས་དུས་རིམ་འདི་འཛིན་ནས་ཕྲུ་གུར་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་སུ་ཆུགས་ན་དེ་ཕྲུ་གུ་དེའི་མ་འོངས་པའི་མི་ཚེ་གཅིག་ལ་ཕན་པ་ཆེན་པོ་ཡོད་པས་སོ། དུས་རིམ་འདི་ལ་དཔེ་ཀློག་གི་གསེར་ལྟ་བུའི་དུས་རིམ་ཡང་ཟེར།

མི་ཞིག་གི་གཏིང་ཐུང་བའི་དཔེ་ཀློག་ནས་གཏིང་རིང་བའི་དཔེ་ཀློག་ལ་རིམ་བཞིན་འཕེལ་བའི་བརྒྱུད་རིམ། སྤྱིར་ནུས་པ་འདི་རིཊ་ཀྱི་རྨང་གཞིའི་དུས་རིམ་ནི་ལོ་༣-༤བཞི་བར་ཡང་སྐོར་བསྐྱར་སྐོར་གྱི་དཔེ་ཀློག་ཁྲོད་རིམ་བཞིན་གྲུབ་པ་ཡིན། གལ་ཏེ་དུས་རིམ་འདིའི་སྐབས་ལ་ཁྱིམ་བདག་ཚོས་རང་གི་ཕྲུ་གུར་དཔེ་དེབ་ནང་གི་ཞིབ་ཆ་སྣ་ཚོཊ་ལ་དོ་སྣང་བྱེད་སྟངས་ཐད་ཁྲིད་སྟོན་ཕྲན་བུ་དང་བསྟོད་སྐུལ་བྱ་ཐུབ་ན་ཕྲུ་གུས་དཔེ་དེབ་གཅིག་ལ་བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་དང་བསྐྱར་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་འཇཊ་ཐུབ།དེ་ལྟར་བྱུང་ན་ཕྲུ་གུ་རྣམས་སློབ་ཆུང་དུས་ནས་རང་བཞིན་གྱིས་གཏིང་རིང་བའི་དཔེ་ཀློག་གི་རྒྱལ་སྒོར་འཛུལ་ཐུབ། ལོ་༠-༦ བར་དཔེ་ཀློག་གི་གསེར་ལྟ་བུའི་དུས་རིམ་ཡིན།

ལོ་༧-༡༢ བར་དཔེ་ཀློག་གི་དངུལ་ལྟ་བུའི་དུས་རིམ་ཡིན།

ལོ་༡༢ ཡན་དཔེ་ཀློག་གི་ལི་ལྟ་བུའི་དུས་རིམ་ཡིན། 

ཕྲུ་གུ་ལོ་༧-༡༢བར་ནི་དཔེ་ཀློག་གི་གོམས་བཟང་འཇཊ་པའི་དངུལ་ལྟ་བུའི་དུས་རིམ་ཡིན། དུས་རིམ་འདིར་ཕྲུ་གུའི་རགས་ཀློག་གི་རྣམ་པར་འགྱུར་བ་གཏོང་འདོད་ན་ངེས་པར་དུ་དཔེ་ཀློག་གི་རྒྱུ་ཆ་བརྗེ་འགྱུར་བྱ་དགོས། གཏམ་སྒྲུང་རིཊ་ཀྱི་སློབ་གསེང་དཔེ་དེབ་ཡུན་རིང་ཀློག་ཏུ་བཅུག་ནས་སྒྲུང་གི་བརྒྱུད་རིམ་ཁོ་ནར་ལྟ་བ་དང་མི་སྣར་དོ་སྣང་མི་བྱེད་པའི་དཔེ་ཀློག་གི་གོམས་གཤིས་ངན་པར་འགྱུར་བ་གཏོང་འདོད་པ་ནི་ཉིན་མོའི་སྐར་མ་རེད། སྒྲུང་ཀློག་པ་ཕུད་ད་དུང་ཕྲུ་གུར་སྐད་ཡིག་དཔེ་དེབ་རིཊ་དཔེར་ན་སྙན་ངག་དང་། འབོལ་རྩོམ་ལྟ་བུ་ལྟ་ཀློག་དུ་སྐུལ་དགོས་པ་མ་ཟད་དེ་ནས་ཕྲུ་གུའི་དགའ་མོས་ལ་གཞིཊ་ཏེ་ཚན་རིག་ཁྱབ་སྤེལ་རིཊ་ཀྱི་དཔེ་དེབ་དང་ལག་བཟོའི་རིཊ་ཀྱི་དཔེ་དེབ་འདེམས་ནས་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱ་སྐྱེད་ཀྱི་བྱེད་སྒོ་སྤེལ་དགོས། དེ་ལྟར་གྱི་འཚོ་བ་དང་དགའ་མོས་ཟུང་འབྲེལ་གྱི་དཔེ་ཀློག་གིས་ཕྲུ་གུར་སྒྲུང་གི་བརྒྱུད་རིམ་མེད་ཀྱང་དཔེ་དེབ་སོ་སོའི་ཞིབ་ཆས་ཕྲུ་གུའི་ཡིད་དབང་འཕྲོག་སྟེ་དེས་དགའ་སྣང་དང་ལོངས་སྤྱོད་སྦྱིན་ནུས་པས་ཕྲུ་གུ་རང་བཞིན་གྱིས་སེམས་རྣལ་དུ་འབེབས་ནས་དཔེ་ཀློག་གི་ཞིབ་ཆར་སྣང་བ་གཏོང་མཁན་ཞིག་ཏུ་འགྱུར་ཐུབ།

     བྱིས་པའི་དཔེ་ཀློག་གི་གསེར་རིམ་སྤྱོད་སྟངས།      

༡ བྱུང་རིམ་འཕེལ་རྒྱས་དཔག་ཐུབ་པའི་དཔེ་དེབ་རིཊ་ཀློག་འདོན་ཡང་ཡང་བྱ་སྐབས་གནད་འགག་ཆེ་སའི་ཚིག་སྦྱོར་སླེབས་སྐབས་ཀློག་མཚམས་བཞག་ནས་ཕྲུ་གུར་འགག་རྩའི་ནང་དོན་ཤོད་དུ་འཇུག་དགོས། 

༢ དཔེ་དེབ་ཞིག་གིས་བསམ་བློའི་བློ་སྒོ་དབྱེ་ཐུབ་ལ། རེ་བའི་མེ་ལྕེ་སྤར་ཐུབ་པ། འཇིཊ་སྣང་ཡང་སློང་ཐུབ་ལ་གསར་རྙེད་ཀྱང་འཁྲིད་ཐུབ་པས་སྒྲུང་གཅིག་ཀློག་འཚར་དུས་ཕྲུ་གུར་གྲོས་གླེང་བྱེད་པའི་དུས་ཚོད་བཞག་སྟེ་ཕྲུ་གུར་ཉམས་ཞིབ་བྱེད་དུ་འཇུག་ནས་དེའི་མྱོང་བ་ངག་ཐོག་ནས་ཤོད་པ་དང་ཡང་ན་རྩོམ་འབྲི་བ། དེ་བཞིན་སྒྱུ་རྩལ་གྱི་རྣམ་པ་གང་རུང་སྤྱད་དེ་མངོན་པ་བྱས་ཀྱང་ཆོག། ཡིན་ཡང་འགག་རྩ་ནི་ཕྲུ་གུའི་དགའ་ཕྱོགས་ལ་བསྟུན་དགོས་པ་གལ།

༣ ཀློག་འདོན་བྱ་སྐབས་ཉམས་འགྱུར་ཤུཊ་ཆེན་བེད་སྤྱོད་བྱ་དགོས། གལ་ཏེ་བྱུང་ན་རང་གི་སྐད་གདངས་ལ་འགྱུར་བ་བཏང་སྟེ་ཕན་ཚུན་གཏམ་གླེང་གི་མི་སྣ་འཁྲབ་པ་དང་སྒྲུང་གི་བརྒྱུད་རིམ་ལ་གཞིགས་ནས་སྐད་ཆའི་མྱུར་ཚད་ལ་ལེཊ་སྒྲིག་བྱ་དགོས། དོགས་ཚོམ་ཡོད་སར་དལ་དུ་གཏོང་བ་དང་སྐད་གདངས་དམའ་རུ་གཏོང་དགོས། འོས་འཚམ་དུས་སྐད་སྒྲ་དེ་བས་དམའ་རུ་བཏང་ན་ཕྲུ་གུའི་བློ་སེམས་གཅིག་ཏུ་སྒྲིམ་ཐུབ། རྒྱུན་དུ་ཀློག་འདོན་བྱ་སྐབས་ཀློག་ཚད་མྱུར་བའི་ནོར་འཁྲུལ་ཐོན་སླ།

༤ བྱིས་པར་དཔེ་དེབ་ཀློག་འདོན་བྱ་སྐབས་ངེས་པར་དུ་དཔེ་དེབ་འདིའི་མིང་དང་རྩོམ་པ་པོ་དེ་བཞིན་རི་མོ་འབྲི་མཁན་བཅས་ངོ་སྤྲོད་བྱ་དགོས། ཀློག་འདོན་མ་བྱས་གོང་དང་ཡང་ན་ཚར་རྗེས་བྱིས་པ་ཚོར་རྩོམ་པ་པོའི་གནས་ཚུལ་ངོ་སྤྲོད་བྱས་ནས་དཔེ་དེབ་ནི་མིས་བྲིས་པ་ལས་འཕྲུལ་འཁོར་གྱིས་བཟོས་པ་མིན་པ་ཤེས་སུ་འཇུག་དགོས་པ་མཟད་ད་དུང་བྱིས་པ་ཚོར་རྩོམ་པ་པོརགཏོང་ཡིག་བྲིས་ནས་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱ་འགྱུར་བསྟོད་སྐུལ་བྱས་ན་ཧ་ཅང་ལེཊ། དེ་ལྟར་བྱས་ན་གསོན་གསོན་རྗེན་གྱི་རྩོམ་པ་པོ་ཞིག་སྔ་རྒྱུན་རང་ལོག་བྱུང་ནས་ཁོང་གི་སྒྲུང་ཡང་མངོན་སུམ་གསོན་རྗེན་དུ་འགྱུར་བ་ལྟར་ཡོང་གི་ཡོད།

༥  ལག་ལ་ཞ་སྨྱུག་ཉར་ནས་དཔེ་ཀློག་བྱས་ནའང་འགྲིག། ཁྱེད་དང་ཕྲུ་གུ་དཔེ་ཀློག་བྱ་སྐབས་བློ་འཛིན་འོས་པ་དང་བསམ་གཞིཊ་ཟབ་མོ་བྱ་འོས་པའི་མཛེས་རྩོམ་ཚིག་སྙན་འདྲ་འཕྲད་དུས་དེའི་འགྲམ་ལ་རྟཊ་ཆུང་འགོད་པ་དང་ཡང་ན་སྐར་ཆུང་བྲིས་ན་ལེཊ། དཔེ་དེབ་ཐོག་གི་ཡིད་དབང་འཕྲོག་སར་མཛེས་པའི་སྨྱུག་ཤུལ་འཇོག་རྒྱུ་དེ་ཕྲུ་གུ་དང་དཔེ་དེབ་དབར་ཕན་ཚུན་འགུལ་རེས་དགོས་པའི་ཐབས་བཟང་གི་ཡ་རྒྱལ་ཞིག་ཡིན།

༦  དཔེ་དེབ་ཅིག་ཀློག་ཟིན་རྗེས་ཕྲུ་གུ་འཁྲིད་ནས་དེ་དང་འབྲེལ་ཡོད་ཀྱི་གློག་བརྙནདང་ཡང་ན་བརྙན་འཕྲིན་ཟློས་གར་བལྟས་ན་དེ་བས་ལེཊ། ཐབས་ཤེས་འདིས་ཕྲུ་གུར་ཡི་གེ་ནི་གཟུཊ་བརྙན་མངོན་པ་ལས་ཕུལ་སུམ་ཚོཊ་པ་ཡོད་པའི་ཚོར་བ་སྦྱིན་ཐུབ་ལ་དེ་ནི་བརྩེ་སེམས་ཉམས་མྱོང་གི་ཐབས་མི་འདྲ་བ་ཞིག་ཀྱང་ཡིན་པས་ཕྲུ་གུས་ཀྱང་དཔེ་དེབ་དང་གློག་བརྙན་གྱི་མི་འདྲའི་ཆ་གླེང་རྒྱུར་དགའ་པོ་བྱེད་ངེས། 

༧  སྐབས་རེ་ཕྲུ་གུར་དོན་ཟབ་ལ་གོ་དཀའ་བའི་དཔེ་དེབ་ཀློག་འདོན་བྱས་ཏེ་ཕྲུ་གུའི་རིག་པར་འགྲན་སློང་བྱ་དགོས།

༨ ཕྲུ་གུར་དཔེ་དེབ་ཀློག་འདོན་གང་སྔ་སྔ་བྱ་དགོས། ག་ཚོད་ཀྱིས་སྔ་བ་བྱུང་ན་འདི་རྩིས་ཀྱིས་ལས་སླ་ལ་ཕན་འབྲས་དེ་བས་ལེཊ་པ་ཡོད། རྒྱུན་དུ་ཨ་མ་འགས་རྟག་ཏུ་གླེང་བར་རང་ཁྱིམ་གྱི་ཕྲུ་གུ་དཔེ་དེབ་ལྟ་བར་དགའ་པོ་མེད་ལུཊ་དང་ད་ཆ་ཆེན་པོ་ཆཊ་རྗེས་ཇི་ལྟར་བྱ་དགོས་མིན་དྲིས། རེ་བར་དེ་རིཊ་ལ་དཔེ་དེབ་ཀློག་ཀྱི་མི་འདུག་སྙམ་ནས་བློས་གཏོང་མི་བྱ་བར་ཕྲུ་གུའི་དགའ་མོས་ལ་གཞིཊ་ནས་སྤྲོ་སྣང་ལྡན་པའི་ཕུལ་བྱུང་དཔེ་དེབ་འདེམས་ཏེ་དགའ་མོས་ཁྲིད་སྟོན་བྱས་ན་ཧ་ཅང་བཟང་།

 ཡོང་ཁུངས། ལུག་ཚང་དཔལ་ཡོན།






ན་རོ་ཚང་གི་འཕྲིན་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།




小编:斗拉

   微信号:736341893

  邮箱:naerruo@163.com






【声明】内容源于网络
0
0
纳尔若文化
本公司从事动漫设计、微电影、纪录片、宣传片、广告片、短视频等策划与拍摄制作工作。
内容 67
粉丝 0
纳尔若文化 本公司从事动漫设计、微电影、纪录片、宣传片、广告片、短视频等策划与拍摄制作工作。
总阅读112
粉丝0
内容67