为进一步规范道路通行秩序,有效预防和减少因机动车强超抢会、逆向行驶、超速等交通违法行为引发的道路交通事故,保障人民群众生命财产安全。根据《中华人民共和国道路交通安全法》及实施条例、《甘肃省公安机关交通管理部门道路交通技术监控设备设置使用管理工作规范》等法律法规的规定,报请相关部门核准,自2026年2月10日起启用以下路段交通违法监控抓拍设备,具体点位及功能通告如下:
一、增设超速行驶、无证驾驶、不按规定使用安全带、驾车接打手持电话等交通违法监控抓拍设备6处,单点测速,限速70公里/小时。
1.国道568线233KM+390M(麻当镇孜合孜村路段龙门架);
2.国道568线325KM+490M(阿木去乎镇下尼玛隆村路段龙门架);
3.国道316线2909KM+186M(博拉镇罗吾塘村路段龙门架);
4.国道316线2962KM+480M(桑科镇曼玛村路段龙门架);
5.国道316线3007KM+12M(甘加镇斯柔村路段龙门架);
6.国道568线339KM+400M(阿木去乎镇上尼玛隆村路段)。
二、增设机动车强超抢会、逆向行驶、不按规定使用安全带等交通违法监控抓拍设备6处。
1.国道316线2900KM+270M(博拉镇怀娄村路段);
2.国道316线2938KM+10M(阿木去乎镇完垦村路段);
3.国道568线334KM+410M(阿木去乎镇尼玛隆梁路段);
4.国道568线255KM+160M(唐尕昂乡吉仓拉尕村路段);
5.国道568线234KM+850M(麻当镇上红墙村路段);
6.国道568线220KM+335M(曲奥乡清水塘村路段)。
以上监控设备抓拍取证的违法行为,公安交通管理部门将根据《中华人民共和国道路交通安全法》及实施条例、《甘肃省道路交通安全条例》等相关法律法规依法处罚。请广大驾驶人严格遵守,安全出行,共同营造安全畅通的道路交通环境。
特此通告
夏河县公安局
2026年2月2日
བསང་ཆུ་རྫོང་སྤྱི་བདེ་ཅུས་ཀྱི་རྒྱལ་ལམ་དང་ཞིང་ཆེན་
ལམ་གྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བརྙན་མིག་
པར་ལེན་སྒྲིག་ཆས་བཀོལ་རྒྱུའི་བརྡ་ཁྱབ།
གཞུང་ལམ་སྟེང་གི་འགྲུལ་བཞུད་ལ་སྒྲིག་ལམ་ལྡན་པ་དང་ཚད་ལྡན་ཅན་དུ་གཏོང་བའམ། བཙན་གྱིས་སྔུན་ལ་རྒྱུག་པ། ལྡོག་ཕྱོགས་ནས་སྐྱོད་པ། འགྲོས་ཚད་མགྱོགས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལས་བསྐྱེད་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་དོན་རྐྱེན་སྣ་ཚོགས་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཐུབ་པ་དམིགས་ཡུལ་དུ་བཟུང་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་ལག་བསྟར་སྲོལ་ཡིག 《ཀན་སུའུ་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་གཞུང་ལམ་འགྲིམ་འགྲུལ་ལག་རྩལ་བརྙན་མིག་སྒྲིག་ཆས་ཀྱི་སྒྲིག་བཀོད་དང་བཀོལ་སྤྱོད་དོ་དམ་ཚད་ལྡན་བྱ་བ》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་འཛིན་པ། འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ་སོགས་བརྒྱུད་དེ། 2026ལོའི་ཟླ2པའི་ཚེས10ཉིན་ནས་བཟུང་གཤམ་གྱི་ལམ་བར་འདི་དག་གི་འགྲིམ་འགྲུལ་ཁྲིམས་འགལ་ལ་བརྙན་མིག་སྒྲིག་ཆས་ཀྱིས་པར་ལེན་རྒྱུ་ཡིན་པས། ཞིབ་ཕྲའི་གནས་ཐིག་དང་བྱེད་ནུས་བརྡ་ཁྱབ་གཤམ་གསལ་ལྟར།
གཅིག འགྲོས་ཚད་མགྱོགས་པ། སྐོར་ཡིག་མེད་པ། གཏན་ཁེལ་ལྟར་སྐྱོབ་ཐག་བཅིངས་མེད་པ། ཁ་ལོ་བྱེད་བཞིན་ལག་ཁྱེར་ཁ་པར་རྒྱག་པ་སོགས་ལ་ཆེད་དུ་འགྲིམ་འགྲུལ་ཁྲིམས་འགལ་བརྙན་མིག་པར་ལེན་སྒྲིག་ཆས6ཁ་སྣོན་བྱས་ཡོད་ལ། དེ་དག་ནི་གནས་གཅིག་འགྲོས་འཇལ་དང་། འགྲོས་ཚད་ནི་དུས་ཚོད་རེར་སྤྱི་ལེ70ཡིན།
1.རྒྱལ་ལམ568ལམ་གྱི233KM+390M(མར་ཐང་གྲོང་རྡལ་ཙག་ཙག་སྡེ་བའི་ལམ་བར་གྱི་ལྕགས་ཀྱི་གནམ་སྒོ)
2.རྒྱལ་ལམ568ལམ་གྱི325KM+490M(ཨ་མཆོག་གྲོང་རྡལ་ཉི་མ་ལུང་རུ་འགབ་མའི་ལམ་བར་གྱི་ལྕགས་ཀྱི་གནམ་སྒོ)
3.རྒྱལ་ལམ316ལམ་གྱི2909KM+186M(འབོ་ར་གྲོང་རྡལ་ལོ་བུ་ཐང་སྡེ་བའི་ལམ་བར་གྱི་ལྕགས་ཀྱི་གནམ་སྒོ)
4.རྒྱལ་ལམ316ལམ་གྱི2962KM+480M(བསང་ཁོག་གྲོང་རྡལ་སྨད་མ་སྡེ་བའི་ལམ་བར་གྱི་ལྕགས་ཀྱི་གནམ་སྒོ)
5.རྒྱལ་ལམ316ལམ་གྱི3007KM+12M(རྒན་གྱ་གྲོང་རྡལ་སུ་རུག་སྡེ་བའི་ལམ་བར་གྱི་ལྕགས་ཀྱི་གནམ་སྒོ)
6.རྒྱལ་ལམ568ལམ་གྱི339KM+400M(ཨ་མཆོག་གྲོང་རྡལ་ཉི་མ་ལུང་རུ་གོང་མ་སྡེ་བའི་ལམ་བར)
གཉིས། འཕྲུལ་སྒུལ་འཁོར་ལོའི་རིགས་སྔུན་ལ་བཙན་འཛུལ་དང་ལྡོག་ཕྱོགས་སུ་སྐྱོད་པ། ཚད་ལྡན་ལྟར་སྐྱོབ་ཐག་མི་བཅིངས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་ལ་བརྙན་མིག་སྒྲིག་ཆས6ཁ་སྣོན་བྱས་ཡོད།
1.རྒྱལ་ལམ316ལམ་གྱི2900KM+270M(འབོ་ར་གྲོང་རྡལ་སྤེའུ་ལུང་སྡེ་བའི་ལམ་བར)
2.རྒྱལ་ལམ316ལམ་གྱི2938KM+10M(ཨ་མཆོག་གྲོང་རྡལ་བན་ཁུ་སྡེ་བའི་ལམ་བར)
3.རྒྱལ་ལམ568ལམ་གྱི334KM+410M(ཨ་མཆོག་གྲོང་རྡལ་སྲིབ་ལུང་ཁེས་ཁའི་ལམ་བར)
4.རྒྱལ་ལམ568ལམ་གྱི255KM+160M(ཐང་དཀར་ནང་ཞང་སྒྱིས་ཚང་ལ་ཁ་སྡེ་བའི་ལམ་བར)
5.རྒྱལ་ལམ568ལམ་གྱི234KM+850M(མར་ཐང་གྲོང་རྡལ་ཧྲང་ཧུང་ཆང་སྡེ་བའི་ལམ་བར)
6.རྒྱལ་ལམ568ལམ་གྱི220KM+335M(ཆུ་སྔོན་ཞང་ཆུ་སྔོན་མདོ་སྡེ་བའི་ལམ་བར)
གོང་གི་བརྙན་མིག་སྒྲིག་ཆས་ཀྱིས་པར་བླངས་པའི་ཁྲིམས་འགལ་བྱ་སྤྱོད་ལ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་ལག་བསྟར་སྲོལ་ཡིག 《ཀན་སུའུ་ཞིང་ཆེན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》སོགས་གཞིར་བཟུང་སྟེ་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ་ཡིན་པས། རྒྱ་ཆེའི་ཁ་ལོ་པ་རྣམས་ཀྱིས་གཞུང་ལམ་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་བདེ་འཇགས་ཀྱིས་ཁ་ལོ་བྱེད་པ། འགྲིམ་འགྲུལ་ཁོར་ཡུག་ལེགས་པོ་ཡོང་ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན།
བསང་ཆུ་རྫོང་སྤྱི་བདེ་ཅུས།
2026ལོའི་ཟླ2པའི་ཚེས2ཉིན།

