大数跨境

拉萨市“四讲四爱”讲文明爱生活系列微宣讲(三)

拉萨市“四讲四爱”讲文明爱生活系列微宣讲(三) 拉萨发布
2020-02-27
7

ཞི་ཅིན་ཕིང་གིས་ཧྲུའུ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན། 

习近平给在首钢医院实习的西藏大学医学院学生的回信

བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་༢༠༡༥ལོའི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་སློབ་གྲོགས་ཚོ།

西藏大学医学院2015级临床医学专业的同学们:


ལྷན་རྒྱས་ཁམས་བཟང་།འཕྲིན་ཡིག་འབྱོར་ནས་ཁྱེད་ཚོའི་སློབ་གྲོགས་༡༧གྱིས་པེ་ཅིང་དུ་ནད་ཐོག་སྨན་བཅོས་ཀྱི་དངོས་སྦྱོང་བྱེད་རིང་ནད་ཐོག་སྨན་བཅོས་ཀྱི་གཞི་རྩའི་རྩལ་ནུས་སྦྱོང་བརྡར་བྱས་པ་མ་ཟད།བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུའི་དད་སེམས་ཀྱང་བརྟན་པོ་ཡོད་པ་ཤེས་སྐབས་ང་ཧ་ཅང་མོས་པོ་བྱུང་།

你们好!来信收到了,得知你们17名同学在北京进行临床实习期间,既锻炼了临床基本功,也坚定了献身西藏医疗卫生事业的信念,我很欣慰。


སྨན་པ་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཞིག་རེད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་དམག་དཔུང་དང་ས་གནས་ཀྱི་རྒྱ་ཆེའི་སྨན་དོན་པས་སྔོན་ལ་སྐྱོད་པ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་བྱ་སྤྱོད་ལ་བརྟེན་ནས་གོས་དཀར་ལྷ་རྗེའི་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། ཁྱེད་ཚོས་ཁོང་ཚོ་མིག་དཔེར་བཟུང་སྟེ་ཏང་དང་མི་དམངས་ཀྱིས་བློས་འཁེལ་ཐུབ་པའི་སྨན་པ་ཡག་པོ་ཞིག་བྱེད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད། ཁྱེད་ཚོས་སློབ་སྦྱོང་གི་དུས་ཚོད་དམ་འཛིན་བྱས་ནས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་སྦྱངས་ཏེ་སློབ་གྲྭ་ཐོན་རྗེས་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་བྱམས་དངརྩལ་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།

医生是人民健康的守护者。在这次新冠肺炎疫情防控斗争中,军地广大医务工作者冲锋在前、英勇奋战,用行动诠释了白衣天使救死扶伤的崇高精神。我相信,你们一定会以他们为榜样,努力做党和人民信赖的好医生。希望你们珍惜学习时光,练就过硬本领,毕业后到人民最需要的地方去,以仁心仁术造福人民特别是基层群众。


བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་ངས་ཁྱེད་ཚོ་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། 

藏历新年就要到了,我向你们以及藏区各族群众致以节日的问候和美好的祝愿!



ཞི་ཅིན་ཕིང་།

习近平

༢༠༢༠ལོའི་ཟླ་༢ཚེས་༢༡ཉིན།

2020年2月21日



来源:新华社

编辑:贾鹏浩
藏文配音:洛桑扎巴
藏文审核:洛桑扎巴  益西  群宗

责任编辑:程雨

终审:龚大成
←←扫码查看更多内容

【声明】内容源于网络
0
0
拉萨发布
传递市委、市政府声音,发布权威信息。由拉萨市融媒体中心运营维护。
内容 17899
粉丝 0
拉萨发布 传递市委、市政府声音,发布权威信息。由拉萨市融媒体中心运营维护。
总阅读63.8k
粉丝0
内容17.9k