
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གི་རྨང་གཞི་བཟང་པོ་བཏིང་ནས་དུས་ཚོད་དམ་འཛིན་གྱིས་གསར་སྤེལ་བྱ་རྒྱུ་ཡིན་པ་བསྟན་པ།
国家卫健委:疫苗研发“地基已打好,正以最快速度往上建”
ཚེས་21ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་ཟོན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གལ་ཏེ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དེ་ཁང་པ་ཞིག་བསྐྲུན་པར་དཔེ་བཞག་ཚེ་ད་ཆ་ང་ཚོའི་འཕེལ་རིམ་ནི་རྩིག་རྨང་བཏིང་ཟིན་པ་དང་ཁང་པ་ཡང་ས་ངོས་ནས་ཐོན་ཏེ་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རིམ་པ་གཅིག་གི་ཚད་དུ་སྐྲུན་བཞིན་ཡོད་པ་དང་དེ་ནས་སླར་ཡང་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་ཅེས་བཤད་པ་རེད། ང་ཚོའི་དམིགས་ཡུལ་ནི་གལ་ཏེ་རིམས་ནད་ཀྱི་དགོས་མཁོ་ཡིན་ན།རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་རིམས་འགོག་སྨན་ཁབ་ཀྱི་འཕྲལ་བསྟུན་བེད་སྤྱོད་དང་།དེ་བཞིན་འཕྲལ་སྡོམ་དཔྱད་བསྡུར་ཞིབ་མཆན་གོ་རིམ་ལག་བསྟར་བྱེད་དགོས། བདེ་འཇགས་ནུས་ལྡན་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འདི་ལོའི་ཟླ་4པ་ནས་ཟླ་5པའི་བར་རིམས་འགོག་སྨན་ཁབ་ཁག་ཅིག་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་ཆོག་པའམ་ཡང་ན་དམིགས་བསལ་ཆ་རྐྱེན་འོག་འཕྲལ་སྡོམ་བེད་སྤྱོད་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད།
国家卫健委副主任曾益新21日在国务院联防联控机制新闻发布会上说,如果把疫苗研发比喻成建造一栋楼,现在我们的进度可以说地基已经打好,楼体也已冒出地面,正以最快速度一层一层往上建,然后再进入装修阶段。我们的目标是如果疫情需要,可以按照国家有关法律来启动疫苗的应急使用,以及应急审评审批程序。在确保安全有效可及的前提下,估计最快在今年4到5月份可以有部分疫苗进入临床试验,或是在特定条件下,争取进入应急使用。
ཚན་རྩལ་པུས་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་བདེ་འཇགས་དང་།ནུས་ལྡན།མཁོ་སྤྲོད་ཐུབ་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད།
科技部:药物研发坚持“安全、有效、可供”
ཚེས་21ཉིན་གྱི་སྔ་དྲོར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་ཟོན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཞུས་ནན་ཕིང་གིས་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་བདེ་འཇགས་དང་།ནུས་ལྡན།མཁོ་འདོན་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་སྨན་རྫས་གསུམ་སྨན་བཅོས་ཇུས་གཞིའི་ནང་བཅུག་ཡོད་ཅིང་།དང་པོ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ཡིན་ཞིང་།རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སྨན་བཅོས་ནང་ཞུགས་པའི་ནད་རྟགས་གཏན་འཁེལ་གྱི་ནད་པ་ཁྲི་6ལས་བརྒལ་བ་དེས་བསྡུར་ཚད་85%ཡན་བཟུང་ཡོད། གཉིས་པ་ནི་ལིན་སྐྱུར་ཁིལ་ཁུན་ཡིན་ཞིང་།སྤྱིའི་ཆ་ནས་བཤད་ན་ཕན་འབྲས་བཟང་ཡོད་པས་གཞི་ཁྱོན་ཆེན་པོའི་སྒོ་ནས་བེད་སྤྱོད་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་ཀྱི་ཕན་འབྲས་ཕྱོགས་བསྡོམས་བྱེད་པའི་རེ་བ་ཡོད། གསུམ་པ་ནི་སླར་གསོ་སྐབས་ཀྱི་ཁྲག་སྐྱོ་གསོ་བཅོས་ཡིན་པས།ནད་གཞི་དྲག་སྐྱེད་ཅུང་མགྱོགས་པ་དང་ནད་གཞི་་ལྕི་བ།ཉེན་ཁ་ཆེ་བ་བཅས་ཀྱི་ནད་པར་འཚམ་པོ་ཡོད་པ་བསྟན་ཡོད།གཞན་ཡང་སྨན་རྫས་ཁག་ཅིག་ད་དུང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་གནས་ཡོད།
21日上午举行的国务院联防联控机制新闻发布会上,科技部副部长徐南平说,药物研发要坚持“安全、有效、可供”,有三个药已经纳入了诊疗方案。首先是中医药,全国中医药参与救治的确诊病例已经超过6万例,占比在85%以上。第二个是磷酸氯喹,总体来说效果不错,希望在大规模应用的基础上进一步总结疗效。第三个是恢复期血浆的治疗,适合病情进展较快、重型和危重型患者。此外,还有一些药物正处在临床试验阶段。
