
༄༅།།ཁམས་པའི་བོད་ཡིག་དཔེ་ཚོང་ཁང་ནི་ཏང་སྲིད་བཟང་པོའི་བཀའ་དྲིན་དང་དུས་རབས་གསར་པའི་དགོས་མཁོ་དང་བསྟུན་ནས་སྤྱི་ལོ་༡༩༩༠ལོར་གནས་མཆོག་ཁམས་དར་མདོའི་གྲོང་དུ་གསར་དུ་བཙུགས་པ་ཞིག་ཡིན།
འདས་ཟིན་པའི་ལོ་ངོ་སུམ་ཅུ་ལ་ཉེ་བའི་ལོ་ཟླའི་ནང་དུ་དཔེ་ཚོང་ཁང་འདི་ཉིད་ནི་མི་ཉག་གངས་དཀར་རི་བོའི་མདུན་རྒྱབ།བཞག་བྲ་ལྷ་རྩེའི་གཡས་གཡོན།གཡུ་རི་རྩེ་བརྒྱའི་ཉིན་སྲིབ་ཏུ་གནས་པའི་དགོན་སྡེ་ཁག་དང་། ལས་ཁུངས།སློབ་གྲྭ་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མགྲོན་པོ་བཅས་རིག་གནས་ལ་དགའ་མཁན་དང་ཤེས་བྱ་ལ་འབད་མཁན་གྱི་ཤེས་ལྡན་མི་སྣ་ཡོངས་ལ་བསམ་པའི་དཔལ་ཡོན་གྱི་རྒྱགས་ཕྱེ་འདི་ནས་གནང་། འཛམ་གླིང་ཤར་ནུབ་ཀྱི་ལྟད་མོ་འདི་ནས་མཐོང་།སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་འདི་ནས་བཏང་། ལུས་ངག་ཡིད་གསུམ་གྱི་སྤྱོད་བཟང་འདི་ནས་བསྐྱངས། འདས་མ་ད་གསུམ་གྱི་གནས་ཚུལ་འདི་ནས་རྟོགས།ཉོན་མོངས་དུག་གསུམ་གྱི་ཉེས་དམིགས་འདི་ནས་སངས། མདོར་ན་དཔེ་ཚོང་ཁང་འདི་ཉིད་ནི་མི་ཉག་གི་ཡུལ་ལ་དགོས་འདོད་ཀུན་འབྱུང་གི་ནོར་བུ་མེ་འབར་ཞིག་དང་། རྒྱལ་ཕྱི་ནང་དང་མི་རིགས་དཀའ་ནག་གི་ལོ་རྒྱུས་མངོན་པའི་དྭངས་གསལ་གྱི་མེ་ལོང་ལྟ་བུ་ཞིག་ཡིན།
བློ་མཐུན་ཀའོ་འ་ཅིན་གྱིས་དཔེ་དེབ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ཡིན་ཞེས་གསུངས་པ་ལྟར་ས་གནས་གང་འདྲ་ཞིག་ལ་ཤེས་རབ་དང་དཔལ་ཡོན་དར་དགོས་ན་ང་ཚོ་དཔེ་དེབ་དང་བྲལ་ཐབས་མེད། ད་ཐེངས་ངེད་ཁམས་པའི་བོད་ཡིག་དཔེ་ཚོང་ཁང་འདི་རྒྱ་བསྐྱེད་བཏང་སྟེ་དབྱངས་གསལ་གྱི་ས་བོན་འདེབས་པའི་ཞིང་ས་གཤིན་པོ་དང་གནའ་དེང་མཁས་དབང་ཀུན་གྱི་བློ་གྲོས་ཀྱི་མེ་ཏོག་སྣ་བརྒྱ་འཛོམས་པའི་ཤེས་རིག་གི་ལྡུམ་ར་ཆུང་ངུ་ཞིག་བསྐྲུན་ཡོད། འདི་རུ་ཕེབས་པའི་སྐུ་མགྲོན་ཡོངས་ལ་དར་དཀར་པོས་དགའ་བསུ་དང་ཚིག་སྙན་མོས་གཡང་འབོད་ཡང་ནས་ཡང་དུ་སྒྲོག་བཞིན་ཡོད་ལགས།
康巴藏文书店”如同盛开在木雅地区的一朵沁香雪莲,让浓厚的书香伴着最真诚的心愿飘逸在贡嘎雪山与夏扎圣山周围,让炙热的智慧之光再次照亮了玉日则甲神山之顶。康巴藏文书店的印记如同涓涓清泉,缓缓流进寺庙、机关、校园中,卷帙间散发的墨香涤尽了众人的心田。
在情歌苍凉的长调中,来自书店的抚慰为四方八面的旅客消除了旅途的孤寂。在丰富的精神食粮里让爱好学习的人们领略了东西文化的差异,掌握了时局形式的发展,培育了善良淳朴的自性,感悟了三时诸地的变迁。
康巴藏文书店就是木雅大地熠熠生辉的一枚所想皆成的火焰末尼宝,也是一面映照国内国际各色民族历史的明镜。
正如高尔基所说的:“书是人类进步的阶梯”一般,在任何一个地方要学习文化知识就离不开书籍。此番,我对“康巴藏文书店”进行了重新装修升级,也引进了更多好书,通过一系列努力,我们有信心让这里再次真正成为撒播知识的沃土,汇聚各种思想的百花园,以及绽放在家乡父老面前散发墨香的清净莲花。
同时也为了给新老书客提供一处放飞思想,点燃慧灯的平台。我们也在书店中设有憩息之席。爱书的人儿可以在这里静嗅书香,也可以在这里与大家相互交流,各抒己见。
我们手捧洁白的哈达热忱欢迎各位宾朋惠临康巴书店;我们发出真诚的祈祷衷心祝愿诸多书客永得吉祥平安!惟愿众人康健寿昌,如意吉祥!
༄༅།། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
欢迎大家关注康巴藏文书店公众平台
བཀྲ་ཤིས་བདེ་ལེགས།

