大数跨境

རྟོགས།

རྟོགས།  岗噶博
2020-07-07
0

欢迎关注微信公众

རྟོགས་སོང་།

ཨ་ཐུགས་ནས།


འདས་ཟིན་པའི་ལོ་ཟླའི་ནང་ན

    ནམ་ཡང་དྲན་ངོས་སུ་ཤར་བ་ནི

         ཨ་ཁུ་ཆོས་རྒྱལ་གྱི་མདུན་དུ་ཁྲིད་པའི་ནད་ངན་དེ་རེད

དུས་དེ་ནས་

    ངེད་ཕ་མ་ཡི་བྱམས་སྐྱོང

       སྤུན་ཆེན་གྱི་བརྩེ་བ

           གྲོགས་པོ་ཡི་ལྷག་བསམ

               ཚེ་གྲོགས་ཀྱི་སེམས་ཁུར

                   ཡོད་ཚད་ཀྱི་ཡོད་ཚད་དེ་ནས་རྟོགས་སོང

ད་དུང་ 

     སྟོང་ལྷང་གི་ཨར་ཁང་གྲུ་བཞིའི་ནང་ན

         བརྩེ་བ་ཆེ་བའི་སྨྱོན་གྲོགས་མང་པོ

              སྙིང་སྟོབས་ལྡན་པའི་སྨྱོན་གཏམ་དུ་མ

                   སྙིང་པོ་མེད་པའི་དམ་བཅའ་འབེལ་པོ

  འཇིག་རྟེན་གཞན་ཞིག་གི་འཚོ་བའང་དེ་ནས་རྟོགས་སོང

ཀྱེ་མ

    ཁྱེད་ཀྱང་མི་འདུག

          ཁོང་ཡང་མ་རིག་

              རང་ཉིད་ཀྱི་སེམས་པའང་སྟོང་ལྷང་ལྷང

          དེ་དུས་ལག་ཟུང་སྙིང་ཁར་སྦྱར་ནས་བསྒོམ་རྒྱུ་བླ་མ་དཀོན་མཆོག་ཡིན་པའང་གཞི་ནས་རྟོགས་སོང་།། 






【声明】内容源于网络
0
0
岗噶博
甘孜州岗噶博商贸有限责任公司
内容 3
粉丝 0
岗噶博 甘孜州岗噶博商贸有限责任公司
总阅读0
粉丝0
内容3