大数跨境
0
0

གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། 网信察雅
2020-01-28
1
导读:ཆབ་མདོ་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚ



ཆབ་མདོ་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་གཉིས་པ།  

རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་དགོས་པའི་སྐོར་ག་འབྲེལ་ཡོད་རེ་བར་གཞིར་བཟུང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཀོད་སྒྲིག་ལྟར། མིག་སྔར་བོད་ལྗོངས་སུ་རང་བྱུང་གནམ་གཤིས་ངན་པ་དང་སྨན་བཅོས་ཀྱི་ཐོན་ཁུངས་དང་སྐྱོབ་བཅོས་ཀྱི་ཆུ་ཚད་ཚད་ཡོད་ཡིན་པའི་གནས་ཚུལ་འོག སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་ཆེད། ད་ལྟ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་འབྲེལ་ཡོད་དོན་དག་བརྡ་ཁྱབ་བྱེད་པ་གཤམ་གསལ།


གཅིག   ཕྱི་ནས་ནང་ལ་འགོ་བའི་ཉེན་ཁ་ནན་འགོག་བྱ་དགོས།
༢༠༢༠ལོའི་ཟླ་བ་དང་པོའི་ཚེས་༢༨ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ནས་བཟུང་།  གཅིག་ནི་རྫོང་ཆུས་ཁག་དང་ཚན་པ། ཤང་(གྲོང་རྡལ) གྲོང་ཚོ(གྲོང་ལྷན) གྲོང་སྡོད་ལས་དོན་རུ་ཁག དགོན་པའི་དོ་དམ་ཨུ་ལྷན། དུད་སྦྲེལ་ཚན་པ་བཅས་ཀྱིས་ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཕྱི་རུ་ཡོད་པའི་ལས་བྱེད་པ་དང་། སློབ་མ། ཨར་པོ་བ། ཚོང་པ། གྲྭ་བཙུན་སོགས་མི་སྣ་རྣམས་དམིགས་བསལ་གྱི་གནས་ཚུལ་མེད་པའི་ཁར་རྩ་འཛུགས་ཀྱིས་བརྡ་ཐོ་མ་བཏང་ན་ཕྱིར་ཆབ་མདོ་ལ་ལོག་མི་ཆོག  གཉིས་ནི་སྐམ་ལམ་རྒྱུད་ནས་ལྗོངས་ཕྱི་ནས་ཆབ་མདོ་ལ་ཡོང་མཁན་གྱི་འཁོར་རིགས་དང་མི་སྣ་ཡིན་ཕྱིར།  དམིགས་བསལ་རླངས་འཁོར་དང་སྨན་སྤྱོད་དངོས་རྫས། རྡོ་སྣུམ། བཟའ་བཅའ། ཤིང་འབྲས་དང་སྔོ་ཚལ། རྒྱུན་སྤྱོད་ཚོང་ཟོག་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཅ་དངོས་དབོར་མཁན་གྱི་འཁོར་རིགས་ཕུད་ཚང་མ་ཕྱིར་ལོག་དགོས་པའི་ཁ་ཏ་སློབ་གསོ་བྱེད་དགོས། གསུམ་ནི་ལྗོངས་ནང་ཁུལ་གྱི་ས་ཁུལདང་(གྲོང་ཁྱེར་)གཞན་དག་ནས་སྐམ་ལམ་བརྒྱུད་དེ་ཆབ་མདོར་ཡོང་མཁན་གྱི་ཆབ་མདོ་བ་ལ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ཁོངས་གཏོགས་ཁུལ་གྱི་དམིགས་འཛུགས་སྨན་ཁང་དུ་ལོགས་སུ་བཞག་ནས་སྨན་བཅོས་བྱེད་དགོས་པ་དང་མི་སྣ་གཞན་དག་ཚང་མ་རང་ཁྱིམ་དུ་ཉིན་༡༤རིང་ལོགས་སུ་འདུག་ནས་ལྟ་ཞིབ་བྱེད་དགོས། ཆབ་མདོ་བ་མིན་པའི་མི་སྣར་དམིགས་བསལ་གྱི་གནས་ཚུལ་མེད་ཚེ་ཕྱིར་ལོག་དགོས་པའི་ཁ་ཏ་བྱེད་དགོས། བཞི་ནི་གནམ་གྲུར་བསྡད་དེ་ཆབ་མདོར་ཡོང་མཁན་ལ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ཚང་མ་གཏན་འཁེལ་བྱས་པའི་ས་གནས་སུ་ལོགས་སུ་བཞག་ནས་སྨན་བཅོས་བྱེད་དགོས། དེ་བྱིངས་མི་སྣ་ཚང་མ་དམིགས་འཛུགས་ས་གནས་སུ་ཉིན་༡༤རིང་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེ་མཚུངས་ཀྱི་འགྲོ་གྲོན་མི་སྒེ་ནས་གཏོང་དགོས།  



གཉིས། མི་སྣ་ཕྱི་ལ་འགྲོ་བར་དོ་དམ་ནན་པོ་བྱ་དགོས།
མིག་སྔར་ཆབ་མདོར་ཡོད་པའི་མི་སྣ་ཚང་མ་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་གནས་སྐབས་ཕྱི་ཕྱོགས་སུ་འགྲོ་མཚམས་བཞག་དགོས། ཁོངས་གཏོགས་སུ་ཡོད་པའི་མི་སྣ་ལ་དམིགས་བསལ་གྱི་གནས་ཚུལ་མེད་ན་འགྲོ་རྒྱུག་མི་བྱེད་པ་དང་མགྲོན་དུ་མོ་འགྲོ་བ། འདུ་འཛོམས་བྱེད་རྒྱུ་མེད། 

 གསུམ། ཆབ་མདོར་ཕྱིར་ལོག་ཟིན་པའི་མི་སྣ་ལ་དེ་མཚུངས་ཀྱི་དོ་དམ་ཚོད་འཛིན་ནན་པོ་བྱེད་དགོས།
 རྫོང་(ཆུས་)ཁག་དང་། ཚན་པ། ཤང་(གྲོང་རྡལ) གྲོང་ཚོ(གྲོང་ལྷན)གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་། དགོན་སྡེའི་དོ་དམ་ཨུ་ལྷན། དུད་སྦྲེལ་ཚན་པ་བཅས་ཀྱིས་ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་༢༠༢༠ལོའི་ཟླ་དང་པོའི་ཚེས་༡༢ཉིན་གྱི་རྗེས་སུ་ཕྱིར་ཆབ་མདོ་ལ་ལོག་མཁན་ལ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ཚང་མ་དམིགས་འཛུགས་སྨན་ཁང་དུ་ལོགས་སུ་བཞག་ནས་ལྟ་ཞིབ་སྨན་བཅོས་བྱེད་པར་སྐྱེལ་དགོས། མི་སྣ་གཞན་དག་ལ་རང་ཁྱིམ་དུ་ཉིན་༡༤རིང་ལོགས་སུ་འདུག་ནས་ལྟ་ཞིབ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། 



 བཞི། འདུ་འཛོམས་རང་བཞིན་གྱི་སྤྱི་པའི་བྱེད་སྒོ་སྣ་ཚོགས་མཐའ་གཅིག་ཏུ་ཉུང་དུ་གཏོང་དགོས།
༢༠༢༠ལོའི་ཟླ་དང་པོའི་ཚེས་༢༨ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ནས་བཟུང་། ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་དང་། ཡུལ་སྐོར་མཛེས་ལྗོངས། ཚོང་ར་ཆེ་གྲས། ཇ་ཁང་། ཨར་ཁང་། དྲ་ཁང་། གློག་བརྙན་ཁང་། དགོན་སྡེ་སོགས་མི་མང་འདུ་འཛོམས་ཆེ་སར་འདུ་འཛོམས་རང་བཞིན་གྱི་བྱེད་སྒོའི་རིགས་མཐའ་དག་མཚམས་བཞག་དགོས།     བརྡ་ཁྱབ་འདིར་དོགས་འདྲི་ཡོད་པའམ་ཡང་ན་ལག་བསྟར་བྱེད་རིང་དམིགས་བསལ་གྱི་གནས་ཚུལ་འཕྲད་ཚེ། ཆབ་མདོ་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་མཉམ་འགོག་མཉམ་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་ལ་ཁ་པར་ཐོག་ནས་འདྲི་རྩད་བྱེད་རོགས།  འབྲེལ་གཏུག་ཁ་པར་ནི་༠༨༩༥-༤༨༢༦༡༢༣ཡིན།  བརྡ་ཁྱབ་འདིའི་ནང་གི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཐད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་བརྡ་ཁྱབ་ལོགས་སུ་གཏོང་རྒྱུ་ཡིན།     

ཆབ་མདོ་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་
            བཀོད་འདོམས་པུའུ་གཞུང་ལས་ཁང་ནས།                               
   ༢༠༢༠ལོའི་ཟླ་༡ཚེས་༢༧ཉིན།  




信息来源:昌都发布

编辑:仁青欧珠

审核:李轩铭




察雅县不良信息监督举报电话:0895-4602106

【声明】内容源于网络
0
0
网信察雅
举旗帜、聚民心、育新人、兴文化、展形象,全力引导察雅宣传、网信各项工作。
内容 6201
粉丝 0
网信察雅 举旗帜、聚民心、育新人、兴文化、展形象,全力引导察雅宣传、网信各项工作。
总阅读7.4k
粉丝0
内容6.2k