大数跨境
0
0

རང་ལྗོངས་སུ་ནད་པ་གསར་པ་ཐོན་མིན་སྐོར་གྱི་བརྡ་ཁྱབ།

རང་ལྗོངས་སུ་ནད་པ་གསར་པ་ཐོན་མིན་སྐོར་གྱི་བརྡ་ཁྱབ། 网信察雅
2020-02-16
1
导读:སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༡༥ཉིན་གྱི་ཆུ་ཚོད་༢༤བར་དུ།

    སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༡༥ཉིན་གྱི་ཆུ་ཚོད་༢༤བར་དུ། རང་ལྗོངས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཐོན་པའི་ནད་པ་མེད་པ་དང་།  ནད་གཞི་ལྕི་བའི་ནད་དཔེ་མེད་ལ། ནད་གཞིས་རྐྱེན་ལམ་དུ་ཤོར་བའི་ནད་དཔེ་ཡང་མེད། ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་༡ཡོད། ད་བར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་བྱུང་བ་དེ་ནི་ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་པ་དེའོ།།

       截止2月15日24时,我市现有新冠肺炎确诊病例0例,重症病例0例,死亡病例0例,疑似病例0例,治愈出院病例1例。累计确诊新冠肺炎病例1例。

       ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཤ་ཚའི་དྲན་སྐུལ།   མངལ་ཆགས་པ་དང་གྲོལ་བའི་དུས་ཀྱི་བུད་མེད་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་ཐད་སྤྱོད་རྒྱུའི་གནས་སྐབས་ཀྱི་ལམ་སྟོན་ལས་རང་ངོས་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་གྱི་སྐོར།

        拉萨市卫生健康委员会温馨提示:孕产妇预防新冠肺炎临时指南之自我健康监测和管理。

     ༡  རང་ངོས་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་པ།   ཉིན་ལྟར་གཟུགས་པོའི་དྲོད་ཚད་འཇལ་བ་དང་གཟུགས་པོའི་ལྗིད་ཚད་འགྱུར་བར་བརྟག་པ།   དབུགས་ལམ་གཉན་ཚད་ཀྱི་ནད་རྟགས་ཡོད་མེད་ལ་བལྟ་བ།      དུས་ཚོད་གཏན་འཁེལ་གྱིས་མངལ་གྱི་ཕྲུ་གུའི་འགུལ་སྐྱོད་ལ་ཚད་ལེན་དགོས།

      1.做好自我健康监测。注意每日测量体温、体重变化,有无呼吸道感染症状,定期监测胎动。

   ༢ མངལ་འཁོར་ནས་ཡུན་རིང་པོ་ཕྱིན་མེད་ན་Bསྒྲ་རླབས་ལ་བརྟེན་ནས་ཕྲུ་གུ་བུ་སྣོད་དུ་ཆགས་མིན་བརྟག་དཔྱད་བྱ་དགོས། གལ་སྲིད་ན་ཟུག་ཤིན་ཏུ་ཆུང་བ་དང་ཁྲག་ཉུང་ཙམ་ལས་མ་ཐོན་ན་ཁྱིམ་དུ་ལྟ་ཞིབ་བྱས་ཆོག གལ་སྲིད་དུས་ངེས་མེད་དུ་ཁྲག་ཡང་ཡང་ཐོན་ཚེ། འབོར་མང་པོ་མེད་ཀྱང་བུ་བཙའི་སྡེ་ཁག་གི་སྨན་པར་བཀའ་འདྲི་ཞུ་བ་དང་། Bསྒྲ་རླབས་བརྟག་དཔྱད་བྱས་ཏེ། མངལ་གྱི་ཕྲུ་གུ་བདེ་ཐང་ཡིན་མིན་གསལ་པོར་བཟོ་དགོས། གལ་སྲིད་རྒྱུ་སྨད་ལ་ན་ཟུག་ཆེན་པོ་དང་ཁྲག་མང་པོ་ཐོན་ཡང་། སྨན་ཁང་ནས་མངལ་འཁོར་ཡོད་མེད་ཀྱི་Bསྒྲ་རླབས་བརྟག་དཔྱད་བྱས་མེད་ཚེ། འཕྲལ་མར་བུ་བཙའི་སྡེ་ཁག་གི་སྨན་པར་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་བ་དང་། སྨན་པས་བཤད་པ་གཞིར་འཛིན་དགོས།

       2.孕早期孕妇,如果B超已确认过宫内孕,出现轻微腹疼或少量流血,可自行在家休息观察;如果反复不规则少量流血,应及时咨询预约妇产医生后进行B超检查,排除胎停育;如果腹疼加重或流血量加大,或未经B超确认宫内孕,应及时电话咨询妇产医生后,遵医嘱就医。

        ༣   རིམས་ནད་ལངས་ཤུགས་ཆེ་བའི་དུས་སུ་སྦྲུམ་མར་དམིགས་བསལ་གནས་ཚུལ་མེད་ན།   སྨན་པ་དང་གྲོས་བསྡུར་བྱས་ནས་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུའི་དུས་ཚོད་འགྱངས་ཏེ། ཁྱིམ་ནས་མངལ་གྱི་ཕྲུ་གུའི་འགུལ་སྐྱོད་ལ་ལྟ་ཞིབ་བྱས་ན་འགྲིག  གལ་སྲིད་ངེས་པར་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་ན། སྔོན་ནས་བརྟག་དཔྱད་དུས་ཚོད་གཏན་འཁེལ་བཟོས་ཏེ་སྨན་ཁང་དུ་དུས་ཚོད་རིང་པོ་མི་འགོར་བ་བྱ་དགོས། མངལ་ཆགས་ཕྱོགས་བསྡུས་ནད་རྟགས་དང་ཞོར་སྐྱོན་ཕོག་པའི་སྦྲུམ་མ་ཡིན་ཚེ། སྨན་པའི་བཀའ་བཞིན་བརྟག་བཅོས་བྱ་དགོས། མངལ་འཁོར་བའི་རིང་མགོ་ན་བ་དང་མིག་གིས་གསལ་པོར་མི་མཐོང་པ། སྙིང་མི་བདེ་བ་དང་དབུགས་གཏོང་དཀའ་བ། ཁྲག་ཤེད་འཕར་བ།  མཚན་མ་ནས་ཁྲག་དང་གཤེར་ཁུ་ཐོན་པ། རྒྱུ་སྨད་ལ་ན་ཟུག་ངེས་མེད་གཏོང་བ། མངལ་གྱི་འགུལ་སྐྱོད་ཏག་ཏག་མ་བསྡད་པའམ། ཕྲུ་གུ་སྐྱེ་གྲབས་ཡོད་པའི་རྟགས་ཐོན་ན་ལམ་སང་སྨན་ཁང་ལ་འགྲོ་བ་ལས།  དངངས་སྐྲག་དང་སེམས་ཁྲལ་བྱས་ཏེ་སྨན་བཅོས་འགོར་འགྱངས་བྱ་མི་རུང་།

     3.在疫情高发期间,孕妇如无特殊情况可与产科医生协商适当延后产检时间,自行居家监测胎儿宫内情况(胎动)。必须产检时,应提前预约,做好防护,并尽量缩短就医时间。存在妊娠合并症及并发症的孕产妇,要严格遵医嘱治疗。孕期出现异常情况(头痛、视物不清、心慌气短、血压升高、阴道出血或流液、异常腹痛、胎动异常等)或有分娩征兆时,应及时就医。不要因恐惧、担忧而延误就医。

    ༤   གལ་སྲིད་སྦྲུམ་མའི་སྣ་ཁུང་འགག་པ་དང་མིད་པ་མི་བདེ་བ་སོགས་ནད་རྟགས་ཡང་པོ་ཐོན་ཚེ། ཉིན་བཅུ་བཞིའི་ནང་ཚུན་དུ་རིམས་ནད་ཤུགས་ཆེ་བའི་ཁུལ་ལ་འགྲོ་མྱོང་བ་དང་། ཏོག་གསར་གློ་ཚད་ཕོག་མཁན་དང་འབྲེལ་བ་བྱས་པའི་གནས་ཚུལ་མེད་པ།  དེ་བཞིན་ཚ་བ་མ་བརྒྱབ་ན།  ཁྱིམ་དུ་བསྡད་དེ་ལྟ་ཞིབ་བྱེད་ཆོག་ཅིང་།   ངལ་གསོ་ཡག་པོ་བརྒྱག་དགོས་པར་མ་ཟད།  ཉིན་ལྟར་གཟུགས་པོའི་དྲོད་ཚད་འཇལ་བ་དང་ནད་རྟགས་ཡང་ལྕིར་དོ་སྣང་བྱ་དགོས།

      4.孕妇出现鼻塞、咽部不适等轻症时,如果14天内没有疫情高发地区旅行史、居住史或冠状病毒感染患者密切接触史,无发热,可居家观察,充分休息,每日监测体温并自行观察症状轻重变化。

     ༥  སྦྲུམ་མ་ཉིན་བཅུ་བཞིའི་ནང་རིམས་ནད་ཕོག་ཤུགས་ཆེ་བའི་ཁུལ་ལ་འགྲོ་བ་དང་སྡོད་པ། དེ་བཞིན་ཏོག་གསར་གློ་ཚད་ཕོག་མཁན་དང་འབྲེལ་བ་བྱས་མེད་ཚེ།  རང་ཁྱིམ་མམ་དམིགས་བཙུགས་ས་ཆ་ནས་གསོ་རིག་ལྟ་ཞིབ་བྱ་དགོས། སྦྲུམ་མར་གསོ་རིག་ལྟ་ཞིབ་བྱེད་རིང་། རང་ཉིད་ཀྱི་མངལ་གྱི་ཕྲུ་གུའི་འགུལ་སྐྱོད་ལ་དོ་སྣང་བྱ་་དགོས་པ་དང་། གལ་སྲིད་དོགས་ཡོད་ནད་རྟགས་ཚ་བ་རྒྱག་པ་དང་གློ་རྒྱག་པ།  མིད་པ་ན་བ།   བྲང་ཁོག་བསྡམས་པ།  དབུགས་གཏོང་དཀའ་བ།   ངལ་དུབ་བྱུང་བ།  ཞེ་མེར་ལངས་བ་དང་སྐྱུག་པ།  གྲོད་པ་གཤལ་བ།   མིག་འབྲས་སྐྱི་མོའི་གཉན་ཚད།  ཤ་གནད་གཟེར་བ་སོགས་བྱུང་ན་དངངས་འཚབ་མི་སྐྱེ་པར་སྡེ་ཁུལ་གྱི་དོ་དམ་མི་སྣའམ། གསོ་རིག་ལྟ་ཞིབ་འགན་འཁུར་བར་འབྲེལ་བ་བྱས་ཏེ། ནད་རྟགས་གསལ་པོར་བཤད་ནས་དུས་ཐོག་ཏུ་སྨན་པ་ལ་བསྟེན་དགོས།

      5.如孕产妇14天内有疫情高发地区旅行史、居住史,或与确诊冠状病毒感染的病人有密切接触史,根据要求居家或指定场所进行医学观察,孕妇观察期间需同时密切关注自身症状及监测胎动。如出现可疑症状(包括发热、咳嗽、咽痛、胸闷、呼吸困难、乏力、恶心呕吐、腹泻、结膜炎、肌肉酸痛等),不要惊慌,立即与社区管理人员或医学观察人员联系,准确告知自身健康状况,及时就医。

       ༦   ཕྲུ་གུ་སྐྱེས་ནས་གསོ་རིག་ལྟ་ཞིབ་མ་གྲོལ་གོང་བྱིས་པར་ནུ་ཞོ་མི་སྦྱིན་པའི་གྲོས་འདོན་རྒྱུ་དང་། ཕྲུ་གུ་དམར་འབྱར་ཉིན་༡༠ནས་༡༤རིང་ལོགས་སུ་བཞག་ནས་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་བྱ་དགོས་ཤིང་། དེའེ་རིང་མི་བདེ་བའི་གནས་ཚུལ་གང་ཞིག་བྱུང་ཡང་དུས་ཐོག་ཏུ་སྨན་པར་བསྟེན་དགོས།

       6.产妇隔离解除前,不建议母乳喂养。新生儿建议隔离10-14天,并密切观察新生儿状况。此期间出现任何不适症状均应及时就医。




来源:阳光西藏

编辑仁青欧珠

审核:李轩铭


       抖音请关注

微信公众号请关注


长按二维码关注

投稿邮箱chayaxuanchuanbu@sina.com

察雅县不良信息监督举报电话:0895-4602106



【声明】内容源于网络
0
0
网信察雅
举旗帜、聚民心、育新人、兴文化、展形象,全力引导察雅宣传、网信各项工作。
内容 6201
粉丝 0
网信察雅 举旗帜、聚民心、育新人、兴文化、展形象,全力引导察雅宣传、网信各项工作。
总阅读6.1k
粉丝0
内容6.2k