


广大干部群众 :
察雅,是我们美丽的家园,优美和谐的环境为我们带来身心的愉悦和无限的乐趣,长期以来,我们习惯将各类废弃物和垃圾混装在一起,这种方法便于垃圾的清理,但具有可利用的物品却难以回收,为了增强大家的环保意识,减少资源的浪费,减少垃圾的产生,我们应当从身边做起,从小事做起,积极参与垃圾分类,正确投放垃圾,为保护我们居住的绿色家园而努力!
垃圾混置是垃圾,垃圾分类是资源。在我们的生活中,废弃塑料经处理后可以制成纽扣、笔筒等用品,就连被称为“微型杀手”废弃电池也是可以转害为利的。为此,我县发起倡议,希望您立即行动起来,从自身做起,从每个家庭做起,把垃圾分类处理,爱护我们的家园,保护我们的生存环境。
在生活中常见的可回收垃圾主要有:废旧报纸、废旧纸箱、塑料制品、玻璃材质、牛奶盒、无用金属、布料等。
厨余垃圾包括:骨头内脏、腐烂菜叶、果皮果核、茶渣菜梗、残枝落叶、剩菜饭等。
其他垃圾包括:纸尿片、烟蒂烟灰、污染纸张、废旧工具等。
特别注意:废旧电池、废旧墨盒、废旧漆桶、过期药物、废旧灯管、杀虫剂等属于有害垃圾,需要特别处理。
参与垃圾分类收集和处理,是讲公德、讲文明的体现,是功在当代、利在千秋,为了子孙后代的崇高事业,相信在大家的共同努力下,我们的家园一定会更美好,我们的社会一定会更文明、更进步!
察雅县生活垃圾分类领导小组办公室
2020年4月26日
གད་སྙིགས་རིགས་དབྱེའི་གྲོས་འདོན་ཡི་གེ།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས།
བྲག་གཡབ་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན་ཞིང་། མཛེས་སྡུག་དང་འཆམ་མཐུན་གྱི་ཁོར་ཡུག་གིས་ང་ཚོའི་ལུས་སེམས་ལ་སྤྲོ་སྣང་ཚད་མེད་སྦྱིན་གྱི་ཡོད། དུས་ཡུན་རིང་པོའི་ནང་ང་ཚོས་གད་སྙིགས་དང་གད་སྙིགས་མཉམ་དུ་བླུགས་རྒྱུར་གོམས་ཡོད། བྱེད་ཐབས་དེ་རིགས་གད་སྙིགས་གཙང་སེལ་བྱེད་བདེ་པོ་ཡོད་མོད། འོན་ཀྱང་བེད་སྤྱོད་ཆོག་པའི་དངོས་རྫས་ཚུར་བསྡུ་བྱེད་དཀའ་བས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཐོན་ཁུངས་འཕྲོ་བརླག་ཉུང་དུ་གཏོང་བ། གད་སྙིགས་ཐོན་ཉུང་དུ་གཏོང་བ་བཅས་བྱ་ཆེད། ང་ཚོས་ཉེ་འགྲམ་དང་ལས་དོན་ཆུང་ཙག་ནས་འགོ་བཙུགས་ཏེ་གད་སྙིགས་རིགས་དབྱེའི་ནང་ཧུར་ཐག་ཞུགས་དགོས་ལ། གད་སྙིགས་ཡང་དག་པའི་ངང་བླུགས་ནས་ང་ཚོའི་སྡོད་གནས་ཀྱི་ལྗང་མདོག་ཁྱིམ་གཞིས་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ཡང་བྱེད་དགོས།
གད་སྙིགས་མཉམ་བསྲེས་ནི་གད་སྙིགས་དང་གད་སྙིགས་རིགས་དབྱེ་ནི་ཐོན་ཁུངས་ཡིན། ང་ཚོའི་འཚོ་བའི་ཁྲོད་དུ། སྙིགས་དོར་འགྱིག་ཤོག་གཙང་བཅོས་བྱས་རྗེས་སྒྲོག་གུ་དང་སྨྱུག་མདོང་སོགས་ཀྱི་སྤྱོད་ཆས་བཟོ་ཐུབ། ཐ་ན་བེད་མེད་གློག་རྫས་ཡང་གནོད་མེད་ཕན་ཡོད་དུ་བསྒྱུར་ཐུབ། དེར་བརྟེན་ངེད་རྫོང་གིས་གྲོས་འགོ་བཏོན་ནས་ཁྱེད་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། རང་ངོས་ནས་འགོ་བཙུགས་ལ་ཁྱིམ་ཚང་རེ་རེ་ནས་འགོ་བཙུགས་ཏེ་གད་སྙིགས་རིགས་དབྱེ་གཙང་བཅོས་དང་། ང་ཚོའི་ཁྱིམ་གཞིས་ལ་གཅེས་སྤྲས། ང་ཚོའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་བཅས་བྱ་རྒྱུའི་རེ་བ་ཡོད།།
འཚོ་བའི་ཁྲོད་རྒྱུན་དུ་མཐོང་བའི་ཚུར་བསྡུ་ཆོག་པའི་གད་སྙིགས་གཙོ་བོ་ནི། ཚགས་པར་རྙིང་ཧྲུལ་དང་། ཤོག་སྒམ་རྙིང་རོ། འགྱིག་བཟོས་དངོས་རྫས། ཤེལ་གྱི་རྒྱུ་ཆ། འོ་མའི་སྒམ། བེད་མེད་ལྕགས་རིགས། རས་ཆ་སོགས་ཡིན།
ཟས་ལྷག་གད་སྙིགས་གཙོ་བོ། རུས་པའི་ནང་ཁྲོལ་དང་། སྔོ་ཚལ་རུལ་བ། ཤིང་འབྲས་དང་ཤུན་ལྤགས། ཇ་སྙིགས་དང་ཚལ་སྡོང་། སྡོང་རོ་ལྷུང་བ། སྔོ་ཚལ་ལྷག་མ་སོགས་ཚུད་ཡོད།
གད་སྙིགས་གཞན་དག་གི་ནང་དུ། ཤོག་བུའི་གཅིན་ལེབ་དང་། ཐ་མག་གི་དུ་ཐལ། བཙོག་པས་སྦགས་པའི་ཤོག་བུ། ཡོ་བྱད་རྙིང་ཧྲུལ་སོགས་ཚུད་ཡོད།
ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། གློག་རྫས་རྙིང་ཧྲུལ་དང་། སྣག་སྒམ། རྩི་སྣོད་རྙིང་པ། དུས་ཚོད་ཡོལ་བའི་སྨན་རྫས། གློག་སྒྲོན་སྦུ་གུ་རྙིང་རོ། འབུ་གསོད་སྨན་རྫས་སོགས་གནོད་ཡོད་གད་སྙིགས་ཀྱི་ཁོངས་སུ་གཏོགས་པས། དམིགས་བསལ་གྱིས་ཐག་གཅོད་བྱེད་དགོས། གད་སྙིགས་རིགས་དབྱེ་བསྡུ་རུབ་དང་གཙང་བཅོས་ནང་ཞུགས་པ་ནི་སྤྱི་པའི་ཀུན་སྤྱོད་ལ་སྣང་ཆེན་དང་ཤེས་དཔལ་ལ་སྣང་ཆེན་བྱེད་པའི་མཚོན་ཚུལ་ཞིག་དང་། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན་པས། བུ་རབས་ཚ་རྒྱུད་ཀྱི་བླ་ན་མེད་པའི་བྱ་གཞག་གི་ཆེད་དུ།
ཚང་མའི་ཐུན་མོང་འབད་བརྩོན་འོག་ང་ཚོའི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་དང་། ང་ཚོའི་སྤྱི་ཚོགས་དེ་བས་ཤེས་དཔལ་དང་ལྡན་ལ་དེ་བས་ཡར་ཐོན་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།
བྲག་གཡབ་རྫོང་འཚོ་བའི་གད་སྙིགས་རིགས་དབྱེའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།
2020ལོའི་ཟླ་4ཚེས་26ཉིན།
来源:察雅县生活垃圾分类领导小组办公室
编辑:仁青欧珠
审核:李燕

投稿邮箱:chayaxuanchuanbu@sina.com
察雅县互联网违法和不良信息监督举报电话:0895-4602106
举报邮箱:chayajubao@sina.com


