
邬金莲花生大士殊胜化身,四大家族之努氏家族,敦珠法王之八大法王子转世活佛,四大还魂师之一-----当代大成就者根桑多吉仁波切,于藏历水猪年神变月初八释迦牟尼佛出家日,伴随着隆隆雷声与殊胜彩虹降生于太阳部落石渠巴乌临境。其母扎卓梦见其上师门金财旺诺布赐予一个殊胜伏藏金刚橛,随即孕得仁波切。
努氏家族是藏传佛教三大密咒王的索、素、努其中之一的姓氏,有史以来是众多伏藏大师等大德出生的种族,如一世敦珠法王、华智仁波切、女性传承人根桑旺姆活佛等皆诞生于此殊胜种姓。莲师曾言,该种姓族中将有众多成就者将不断出世,饶益诸有情众生。

གནས་མཆོག་གླང་ཆེན་འཇང་རི།








圣地朗庆江日译为:象之吼声,其山外形极像怒吼的大象而得名。象征佛法犹如雄象之吼声,震撼法界,令迷暗众生觉醒。朗庆江日也是石渠县著名神山,转绕神山可以祈福避灾,增加福报令一切事业顺利。大恩上师在神山挂经为汉地众生祈福,令如母众生早日离苦得乐,证悟彼岸。
大恩上师供桑伏藏
当天取出的供桑伏藏
࿐ གནས་མཆོག་གླང་ཆེན་འཇང་རི་འམ་ཀུན་ལྡན་རི་བཀྲ་ཕྱུག་མོའི་བསང་མཆོད་ཕྱྭ་གཡང་ཀུན་འདུས་བཞུགས་སོ༔
ཀྱཻ་རང་བཞིན་མ་བཅོས་གནས་ལུག་མངོན་གྱུར་བའི༔
ཅིར་ཡང་མ་འགགས་ཤར་བའི་བསང་མཆོད་འདིས༔
དཀར་ཕྱོགས་སྐྱོངས་བའི་གཞི་བདག་མ་ལུས་དང་༔
ཁྱད་པར་རང་གཞན་སྔོན་ལས་དབང་བཙན་པའི༔
མགོན་དང་ལྡོང་གྲོགས་མཛད་པའི་མཐུ་བོ་ཆེ༔
གནས་མཆོག་གླང་ཆེན་འགྱང་ལ་གནས་པའི་སྡེ༔
དཔའ་བོ་དཔའ་མོ་སྐུ་འཁོར་ཡབ་སྲས་བཅས༔
གཡས་རི་གཡོན་རི་མདུན་རི་རྒྱབ་རི་སོགས༔
ཉིན་སྲིབ་ཕུ་དང་འདིར་གནས་ལ་སོགས་པའི༔
སློབ་དཔོན་པདྨའི་བཀའ་དམ་ལ་གནས་དང་༔
ཆོས་ལ་དགའ་བའི་ཡིད་བཞིན་ནོར་གྱི་བདག༔
ཁྱེད་རྣམ་དགྱེས་པའི་མཐུན་རྫེས་ལོང་སྤྱོད་སོགས༔
གསེར་ཤིང་ཁམས་པ་གཡུ་ཤིང་ཤུག་པ་དང་༔
དུང་ཤིང་བལ་ལི་རྟག་པའི་སྤེན་དཀར་དང་༔
འོམ་བུ་བལ་སྙུགས་ཉ་བྲི་གསེར་མདོག་སོགས༔
ཕོ་ཤིང་མོ་ཤིང་བུ་ཤིང་ཤིང་སྣའི་ཚོགས༔
འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣ་དང་༔
ཅི་འདོད་ཅི་མཁོ་དངོས་འབྱོར་ཡིད་སྤྲུལ་མཆོད༔
ཐམས་བཅད་དགའ་མགུ་ཡི་རང་ཞེས་པར་མཛོད༔
ཁྱེད་རྣམ་མཆོད་ཅིང་བསྟོད་པའི་བྱིན་མཐུ་ཡིས༔
རྣལ་འབྱོར་བདག་དང་ཡོན་མཆོད་འཁོར་བཅས་ལ༔
ཕྱི་རྐྱེན་དགྲ་དང་ནང་རྐྱེན་ནད་དང་གདོན༔
བར་རྐྱེན་མི་ཁ་བྲ་མཆུ་གླེང་བརྗོད་བཞི༔
ཁ་དབང་རླུང་རྟ་དར་ཞིང་དཔལ་འབྱོར་རྒྱས༔
ཕྱྭ་གཡང་དངོས་གྲུབ་འབྱོར་བ་ཆར་ལྟར་ཕེབས༔
ཁྱད་པར་ཆོས་དང་མཐུན་པའི་ལེགས་ཚོགས་རྣམ༔
གང་འདོད་བཞིན་དུ་གེགས་མེད་ལྷུན་གྲུབ་མཛོད༔
བདག་སོགས་དུས་རྣམ་ཀུན་དུ་ཁྱེད་སྒྲུབས་ནས༔
མ་འགྱང་མྱུར་དུ་འགྲུབ་པའི་རྟག་མཚན་བསྟོན༔
སྨོན་པ་བཞིན་དུ་ཡིད་བཞིན་ལྷུན་གྲུབ་ནས༔
ཕན་བདེ་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག༔
ཀྭི་ཀྭི་བསྭོ་བསྭོ་ཆ་འོ་ལྷ་རྒྱལ་ལོ༔
ཅེས་པ་འདི་ནི་དུས་ཚེས་ཁྱད་པར་བ་འཛམ་གླིང་སྤྱི་བསང་ཆེན་མོའི་ཉིན་འདས་ལོག་པའི་མིང་ཙམ་འཛིན་པ་སྔགས་སྨྱོན་ཅི་ན་བ་ཀུན་བཟང་རྡོ་རྗེ་ནས་གང་དྲན་དུ་བརྒྱུར་བཅོས་གང་ཡང་མེད་པར་ཡིག་གེའི་གཟུགས་སུ་ཕབས་པའོ༔ མངྒ་ལམ༔ དགེའོ་དགེའོ༔
点击收听语音
当日挂经视频,点击观看
佛法精舍
长按识别关注不迷路!
☟长按识别☟





