
致全县人民的一封信
全县父老乡亲:
新春、藏历新年来临之际,在这喜庆祥和的节日中,为了您和家人的安全,察雅县应急管理局特别提醒您注意以下安全事项:
一、出行安全
开车时自觉遵守交通规则,不无证驾驶,不超速,不超载,不酒后驾驶,不疲劳驾驶,不非法载客。乘车时不携带易燃、易爆等危险物品,不坐无牌无证、超载超员、客货混装车辆。严禁农用车、拖拉机、三轮车、摩托车非法载人。冬天道路结冰,特别要注意道路交通安全。
二、居家安全
在家取暖时注意通风,防止一氧化碳中毒。外出时要关闭天燃气和电源。使用电器设备时避免长时间通电,不超负荷用电,避免电取暖器、手机等长时间使用或充电而引起自燃。发现家用电器烧焦、冒烟、着火,必须立即断开电源,千万不可用水或泡沫灭火器浇喷。严禁在疏散通道、安全出口、楼梯间为电动车充电。
三、防火安全
不堵塞疏散通道、安全出口,不占用、损坏和遮挡消防设施,不占用消防车道。不焚烧垃圾,不将未熄灭的烟头丢进垃圾箱。不携带火种进入林区,不在林区点烛、烧香、烧纸和燃放烟花爆竹等。若发现火灾要及时拨打火警电话12119或森林防火值班电话4602705,并迅速正确逃离火场。
四、燃气安全
要经常检查燃气灶具阀门和管线,长期不使用燃气灶具,要关闭总阀或钢瓶角阀。一旦出现燃气泄漏时要立即关闭燃具开关,切勿开关或使用任何电器,否则,极易引起爆炸。液化气钢瓶必须检验合格,过期、报废钢瓶不能充装使用,罐装液化气必须到指定的合格液化气站罐装。
五、烟花爆竹安全
不到无证门店购买烟花爆竹,不购买霉变、变型、漏药、浮药的烟花爆竹。燃放烟花爆竹应选择安全、空旷场所,不在化粪池、加油站、变电站、燃气输送站、高压线、草场山林等场所附近燃放,不让未成年人单独燃放,严禁将点燃的烟花爆竹扔进下水井。
六、防范自然灾害
严寒冬季,要密切防范天气急剧变化可能引发的雪崩、崩塌、滑坡等突发地质灾害。要及时加强防范,做好避险自救,老人妇孺优先,不盲目抢救财产。
七、食品安全
注意饮食安全,不吃不洁、霉变变质食品和过期失效药品,不购买、食用无厂名厂址、无生产日期、无保质期的“三无”及超保质期的食品,严防因婚丧嫁娶宴席引发食品安全事故。
事故出于麻痹,安全大于天。希望全体父老乡亲自觉增强安全意识,始终绷紧安全这根弦,自觉行动起来,关注安全、珍惜生命,守护好您和家人的幸福生活,创建美好家园!
最后,祝大家身体健康、新春、藏历新年快乐、扎西德勒!
察雅县应急管理局
2024年2月6日
རྫོང་ཡོངས་ཀྱི་མི་དམངས་ལ་བསྐུར་བའི་འཕྲིན་ཡིག་གཅིག
རྫོང་ཡོངས་ཀྱི་ཡུལ་མི་སྤུན་ཟླ་ཚོ།
གནམ་ལོ་གསར་ཚེས་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས། བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་འདིའི་ནང་། ཁྱེད་དང་ནང་མིའི་བདེ་འཇགས་ཆེད་དུ་བྲག་གཡབ་རྫོང་འཕྲལ་སྡོམ་དོ་དམ་ཅུད་ཀྱིས་ལྷག་པར་དུ་ཁྱེད་ཀྱི་བདེ་འཇགས་དོན་ཚན་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།
གཅིག ཕྱིར་སྐྱོད་བདེ་འཇགས་སྐོར།
རླངས་འཁོར་གཏོང་སྐབས་རང་རྟོགས་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ། ལག་ཁྱེར་མེད་པས་རླངས་འཁོར་མི་གཏོང་བ་དང་། མྱུར་ཚད་ལས་མི་བརྒལ་བ། ཤོང་ཚད་ལས་མི་བརྒལ་བ། ཆང་རག་བཏུང་རྗེས་རླངས་འཁོར་མི་གཏོང་བ། དཀའ་ལས་ཁག་དུས་རླངས་འཁོར་མི་གཏོང་བ། ཁྲིམས་འགལ་གྱི་འགྲུལ་པ་མི་བླུགས་པ་བཅས་བྱེད་དགོས། རླངས་འཁོར་ནང་སྡོད་སྐབས་འབར་སླ་བ་དང་གས་སླ་བ་སོགས་ཀྱི་ཉེན་ཡོད་དངོས་རྫས་མི་འཁྱེར་བ། འཁོར་བྱང་དང་ལག་ཁྱེར་མེད་པ་དང་། ཤོང་ཚད་དང་མི་གྲངས་ལས་བརྒལ་བ། འགྲུལ་ཟོག་མཉམ་བསྲེས་རླངས་འཁོར་ནང་མི་སྡོད་པ། ཞིང་སྤྱོད་རླངས་འཁོར་དང་། འདྲུད་འཐེན་འཁོར་ལོ། རྐང་གསུམ་འཁོར་ལོ། སྦག་སྦག་འཁོར་ལོ་བཅས་ཀྱིས་ཁྲིམས་འགལ་གྱིས་མི་སྐྱེལ་བའི་རིགས་གཏན་འགོག་བྱ་དགོས། དགུན་ཁར་གཞུང་ལམ་ལ་འཁྱགས་པ་ཆགས་པས། ལྷག་པར་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།
གཉིས། ཁྱིམ་སྡོད་བདེ་འཇགས་སྐོར།
ཁྱིམ་དུ་དྲོད་ལེན་སྐབས་རླུང་འགྲོ་བར་དོ་སྣང་བྱས་ནས། དབྱང་གཅིག་ཐན་འགྱུར་རྫས་ཀྱི་དུག་ཕོག་པར་སྔོན་འགོག་བྱ་དགོས། ཕྱིར་ཐོན་དུས་རླངས་འབར་དང་གློག་ཁུངས་ཀྱི་སྒོ་རྒྱག་དགོས། གློག་ཆས་སྒྲིག་ཆས་བེད་སྤྱོད་བྱེད་སྐབས་གློག་དུས་ཡུན་རིང་པོ་མི་གཏོང་བ་དང་། ཐེག་ཚད་ལས་མི་བརྒལ་བ། གློག་གི་དྲོད་ལེན་འཕྲུལ་ཆས་དང་ཁ་པར་སོགས་དུས་ཡུན་རིང་པོར་བེད་སྤྱོད་བྱས་པམ་གློག་གསོག་པའི་རྐྱེན་གྱི་རང་འབར་མི་ཡོང་བ་བཅས་བྱ་དགོས། ཁྱིམ་སྤྱོད་གློག་ཆས་འཚིག་པ་དང་། དུ་བ་འཕྱུར་བ། མེ་འབར་བ་བཅས་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་གློག་ཁུངས་གཅོད་དགོས་པ་ལས་ཆུ་དང་ལྦུ་བའི་མེ་གསོད་འཕྲུལ་ཆས་ཀྱི་གཏོར་མི་རུང་། ཁ་བཀྲམ་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། སྐས་རིམ་བར་བཅས་སུ་གློག་འཁོར་གློག་གསོག་བྱེད་པར་གཏན་འགོག་བྱ་དགོས།
གསུམ། མེ་ཟོན་བདེ་འཇགས་སྐོར།
ཁ་བཀྲམ་པའི་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་མི་བཀག་པ། མེ་གསོད་མེ་འགོག་གི་སྒྲིག་བཀོད་བཟུང་སྤྱོད་དང་གཏོར་སྐྱོན། འགོག་སྒྲིབ་བཅས་མི་བྱེད་པ། མེ་གསོད་མེ་འགོག་གི་འཁོར་ལམ་བཟུང་སྤྱོད་མི་བྱེད་པ་བཅས་བྱེད་དགོས། གད་སྙིགས་མེར་མི་སྲེག་པ་དང་། མེ་མ་བསད་པའི་ཐ་མག་ཕྲུག་ལྷག་གད་སྙིགས་སྒམ་ནང་དུ་མི་འཕེན་པ། མེའི་རིགས་ཁྱེར་ནས་ནགས་ཁུལ་དུ་མི་འགྲོ་བ་དང་། ནགས་ཁུལ་དུ་སྒྲོན་མེ་སྒྲོན་པ་དང་། བསང་གཏོང་བ། ཤོག་བུ་སྲེག་པ། ཤོག་སྦག་སྤར་བ་སོགས་མི་བྱེད་རྒྱུ། གལ་ཏེ་མེ་སྐྱོན་ཐོན་ཚེ་དུས་ཐོག་ཏུ་མེ་སྐྱོན་ཉེན་བརྡའི་ཁ་པར་12119འམ་ཡང་ན་ནགས་ཚལ་མེ་ཟོན་ལས་རེས་ཁ་པར་4602705རྒྱག་དགོས་པ་མ་ཟད། མགྱོགས་མྱུར་ངང་ཡང་དག་པའི་སྒོ་ནས་མེ་ཤོར་ས་ནས་བྲོས་བྱོལ་བྱེད་དགོས།
བཞི། འབར་རླུང་བདེ་འཇགས་སྐོར།
རྒྱུན་དུ་འབར་རླུང་ཐབ་ཆས་ཀྱི་སྟེམ་སྒོ་དང་མདོང་ལམ་ལྕགས་མདོང་ལ་ཞིབ་བཤེར་བྱ་དགོས་པ་དང་། དུས་ཡུན་རིང་པོར་འབར་རླངས་ཐབ་ཆས་བེད་སྤྱོད་མི་བྱས་ཚེ་སྤྱིའི་སྟེམ་སྒོའམ་ངར་ལྕགས་བུམ་པའི་ཟུར་སྒོ་རྒྱག་དགོས། འབར་རླངས་ཕྱིར་ཤོར་བྱུང་མ་ཐག་སུ་མྱུར་དུ་འབར་ཆས་ཀྱི་གློག་སྒོ་རྒྱག་དགོས་པ་ལས་གློག་སྒོ་དང་གློག་ཆས་གང་རུང་གཏན་ནས་བཀོལ་མི་རུང་། དེ་མིན་ན། འབར་གས་འབྱུང་སླ་བ་ཡོད། གཤེར་གྱུར་རླངས་པའི་ངར་ལྕགས་ཤེལ་དམ་ལ་ངེས་པར་དུ་ཞིབ་བཤེར་ཚད་ལོན་བྱེད་དགོས་པ། དུས་ཚོད་ཡོལ་བ་དང་། མཁོ་མེད་ཟུར་འཇོག་བྱས་པའི་ངར་ལྕགས་ཤེལ་དམ་ནང་བླུགས་ནས་བེད་སྤྱོད་བྱེད་མི་རུང་། ལྕགས་ཀྲིན་ནང་བླུགས་པའི་གཤེར་གྱུར་རླངས་པ་ངེས་པར་དུ་དམིགས་འཛུགས་བྱས་པའི་ཚད་ལོན་གཤེར་གྱུར་རླངས་པའི་ས་ཚིགས་སུ་ལྕགས་ཀྲིན་ནང་བླུགས་དགོས།
ལྔ། ཤོག་སྦག་བདེ་འཇགས་སྐོར།
ལག་ཁྱེར་མེད་པའི་ཚོང་ཁང་ནང་ཤོག་སྦག་ཉོ་བར་མི་འགྲོ་བ། རུལ་བ་དང་། དབྱིབས་འགྱུར་བ། སྨན་འཛག་པ། འཕྱོ་སྨན་བཅས་ཀྱི་ཤོག་སྦག་མི་ཉོ་བ། ཤོག་སྦག་སྤར་སྐབས་བདེ་འཇགས་དང་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་འདེམས་དགོས་པ་ལས་སྐྱག་རྫིང་དང་། སྣུམ་སྣོན་ས་ཚུགས། གློག་སྒྱུར་ས་ཚུགས། འབར་རླངས་སྐྱེལ་འདྲེན་ས་ཚུགས། མཐོ་གནོན་གློག་སྐུད། རྩྭ་ར་དང་། ནགས་རི་སོགས་ཀྱི་ཉེ་འགྲམ་དུ་སྤར་མི་ཆོག ལོ་ན་མ་སོན་པའི་ཕྲུ་གུ་ཁེར་རྐྱང་ཤོག་སྦག་སྤར་མི་རུང། སྤར་ཟིན་པའི་ཤོག་སྦག་ཁྲོན་འོག་ཏུ་འཕེན་རིགས་གཏན་འགོག་བཅས་བྱ་དགོས།
དྲུག རང་བྱུང་གནོད་འཚེར་དོགས་ཟོན་བྱེད་པའི་སྐོར།
གྲང་ངར་ཆེ་བའི་དགུན་དུས་སུ་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གངས་རྡིབ་དང་། གས་རྡིབ། རི་ཉིལ་བ་སོགས་གློ་བུར་དུ་ཐོན་སྲིད་པའི་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་ནན་པོ་བྱེད་དགོས། དུས་ཐོག་ཏུ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་གཡོལ་རང་སྐྱོབ་ཡག་པོ་བྱས་ཏེ་རྒན་རྒོན་དང་ཕྲུ་གུ་སྔོན་ལ་སྐྱོབ་དགོས་པ་ལས་རྨོངས་ཚོད་ཀྱིས་རྒྱུ་ནོར་མྱུར་སྐྱོབ་བྱེད་མི་རུང་།
བདུན། བཟའ་ཆས་བདེ་འཇགས་སྐོར།
བཟའ་བཏུང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས། གཙང་མ་མིན་པ་དང་། རུལ་ནས་ངོ་བོ་གྱུར་པའི་བཟའ་ཆས་དང་དུས་ལས་ཡོལ་ཞིང་གོ་མི་ཆོད་པར་གྱུར་པའི་སྨན་རྫས་མི་ཟ་བ། བཟོ་གྲྭའི་མིང་དང་གནས་ཡུལ་མེད་པ་དང་། ཐོན་སྐྱེད་ཚེས་གྲངས་མེད་པ། སྤུས་ཚད་འགན་ལེན་དུས་ཡུན་མེད་པའི་"མེད་པ་གསུམ"དང་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་བཟའ་ཆས་མི་ཉོ་བ་དང་བཟའ་སྤྱོད་མི་བྱེད་པ་བཅས་བྱས་ཏེ། གཉེན་སྒྲིག་དང་འདས་མཆོད་ཀྱི་གསོལ་སྟོན་བཤམས་པའི་རྐྱེན་པས་བཟའ་བཅའི་བདེ་འཇགས་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱེད་དགོས།
དོན་རྐྱེན་ནི་ལྷོད་གཡེང་ལས་བྱུང་བ་དང་། བདེ་འཇགས་ནི་གནམ་ལས་ཆེ་བ་ཡོད། ཡུལ་མི་སྤུན་ཟླ་ཡོངས་ཀྱིས་རང་རྟོགས་ངང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་འཛིན་ནས། རང་རྟོགས་ངང་བྱ་སྤྱོད་སྤེལ་ཏེ་བདེ་འཇགས་ལ་དོ་ཁུར་དང་ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་ཁྱེད་དང་ནང་མིའི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཏོད་རྒྱུའི་རེ་བ་ཡོད།
མཇུག་ཏུ་ལྷན་རྒྱས་སྐུ་གཟུགས་གསལ་དྭངས་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བྲག་གཡབ་རྫོང་འཕྲལ་སྡོམ་དོ་དམ་ཅུད།
2024ལོའི་ཟླ་2ཚེས་6ཉིན།


